རང་རྐོས་སེམས་ཀྱི་སྙིང་གཏམ།
自刻心里话
ཚིག།.མིག།
词:美
དབྱངས།.འབྲོང་པ་ནོར་བུ།
曲:仲巴罗布
གཞས་པ།.ནོར་བཟང།
歌手:罗松
ས་སྡེ་ཆེན་གཡང་གི་བུ་མོ་ལ།།
ཞེ་སྣང་བ་རང་འཁོར་ཡང་འཁོར་ཡིན།།
ཁྱོད་འུ་གཉིས་ཆུང་ནས་མ་འདྲིས་ཀྱང་།།
ཆུང་བྱམས་པ་འདྲ་བའི་འདང་རེ་ཡོད།།
བུ་མོ་ལགས། ཁྱོད་ལ་འདང་རེ་ཡོད།།
ཞེ་སེམས་པའི་རང་འདང་དཀར་པོ་ཡོད།།
~
དྲིན་ཕ་མས་གཅེས་པའི་བུ་མོ་ལ།།
ཡིད་དམ་བཅའ་རང་འཇོག་ཞེ་འཇོག་ཡིན།།
ཁྱོད་འུ་གཉིས་བར་ཐག་རིང་ན་ཡང་།།
སེམས་བརྩེ་བ་འགྱུར་མེད་གནས་བཞིན་ཡོད།།
བུ་མོ་ལགས། ཁྱོད་ལ་བརྩེ་འདང་ཆེ།
ཞེ་སེམས་པའི་བརྩེ་བས་སྐྱོང་བཞིན་ཡོད།།
~
སྦྲ་མཐིང་སྨུག་ནང་གི་བུ་མོ་ལ།།
ཞེ་སེམས་པ་རང་མཐུན་བསམ་མཐུན་ཡིན།།
ཁྱོད་འུ་གཉིས་ཚེ་རབས་མང་ན་ཡང་།།
ཚེ་འདི་ལ་འཕྲད་པའི་དགའ་སྤྲོ་ཡོད།།
བུ་མོ་ལགས། ཁྱོད་ལ་དུང་བ་ཆེ།
ཚེ་གཅིག་ལ་དུང་བས་བརྒྱུད་བཞིན་ཡོད།།