ཁྱེད་རང་བྱོན་པ་ལེགས་སོང་།欢乐歌
ཚིག་རྩོམ་མཁན། གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།
作词:岗尖土登扎西
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
作曲:三智才让
གཞས་གཏོང་མཁན། གཡང་ཕྱུག་ལྷ་མོ།
演唱:羊修拉姆
རོལ་མོ་སྒྲིག་བཟོ་བ། བང་ཏུང་ཏུང་།
编曲:王冬东
སྒྲ་ཞིབ་སྦྱོར། གཡང་རོང་ཨ་དོན།
混音:央容阿东
དེ་རིང་གནམ་ལ་གསེར་གྱི་ཉི་མ་ཤར་བྱུང་།
ཁྱེད་རང་བྱོན་པ་ལེགས་སོང་།
དེ་རིང་ས་ལ་དུང་གི་ཟླ་བ་ཚེས་སོང་།
ཚེ་རིང་ལོ་བརྒྱའི་ཁ་གཡང་།
གཟའ་སྐར་འཕྲོད་སྦྱོར་འགྲིག་པའི་ཉི་མ་འདི་ལ།
ཐུགས་སེམས་སྤྲོ་སྤྲོ་གནོང་དང་རིགས་ཀྱི་བུ་ཆུང་།
ཧོ་་་་་་་་ཞང་ཡ་རེ་ལོ།
བཀྲ་ལ་ཤིས་པའི་ཉི་མ།
ཧོ་་་་་ཚེ་རིང་ལོ་བརྒྱའི་ཁ་གཡང་།
ཁྱེད་རང་བྱོན་པ་ལེགས་སོང་།
~
དེ་རིང་ཉིན་བཟང་སྐར་བཟང་དུས་བཟང་འདི་ལ།
ཁྱེད་རང་བྱོན་པ་ལེགས་སོང་།
ས་ལ་འབྲུ་རིགས་སྣ་ལྔའི་གསེར་མཛོད་བཀང་ཡོད
ཚེ་རིང་ལོ་བརྒྱའི་ཁ་གཡང་།
བཀྲ་ཤིས་རྟེན་འབྲེལ་འགྲིག་པའི་ཉིན་བཟང་འདི་ལ།
ཁ་ཞེ་གཉིས་མེད་བྱོས་དང་རིགས་ཀྱི་བུ་ཆུང་།
ཧོ་་་་་་ཞང་ཡ་རེ་ལོ།
བཀྲ་ལ་ཤིས་པའི་ཉི་མ།
ཧོ་་་་་་་་ ཚེ་རིང་ལོ་བརྒྱའི་ཁ་གཡང་།
ཁྱེད་རང་བྱོན་པ་ལེགས་སོང་།
~
དེ་རིང་གྲལ་མགོའི་ཕ་ཁུ་སྨ་ར་ཅན་པོ།
ཁྱེད་རང་བྱོན་པ་ལེགས་སོང་།
དེ་རིང་གྲལ་སྐེད་གསར་བུ་གྲི་ཆུང་ཅན་པོ།
ཚེ་རིང་ལོ་བརྒྱའི་ཁ་གཡང་།
བཟའ་མི་གོ་འདུས་བྱུང་བའི་ཉི་མ་འདི་ལ།
ཁྱོད་དགའ་ང་སྐྱིད་བྱོས་དང་རིགས་ཀྱི་བུ་ཆུང་།
ཧོ་་་་ ཚེ་རིང་ལོ་བརྒྱའི་ཁ་གཡང་།
བཀྲ་ལ་ཤིས་པའི་ཉི་མ།
ཧོ་་་་་ ཚེ་རིང་ལོ་བརྒྱའི་ཁ་གཡང་།
ཁྱེད་རང་བྱོན་པ་ལེགས་སོང་།