སེམས་ཀྱི་རོགས།
心灵伴侣
ཚིག ཁམས་པ་རབ་དབྱངས།
词:康巴然拥
དབྱངས། ནོར་བུ།
曲:罗布
གཞས་པ། ནོར་བཟང།
歌手:罗松
༡༽ཁྱོད་དང་འུ་གཉིས་མཛའ་སེམས། །
你我情谊
ལུང་པ་གཅིག་ལ་འཁོར་ཡོད། །
围绕着一个山谷
མཛའ་སེམས་སྙིང་གི་གདུ་བུ། །
情爱之心
ཚེ་གཅིག་མདུད་པ་བྱེད་ཆོག །
可以结一辈子
ལས་འབྲས་སྟོང་གི་དབུ་ཁྱུད། །
千缘之巅
ཁྲེལ་གཞུང་ཉི་ཟླའི་མནའ་ཡིན། །
是耻辱日月的誓言
~ ~ ~
༢༽ཁྱོད་དང་འུ་གཉིས་བརྩེ་དུང་། །
你我爱情
ཆུ་ཆེན་འགྲམ་ལ་འཁོར་ཡོད། །
绕在大河岸边
བརྩེ་དུང་ཆུ་མིག་དྭངས་མོ། །
爱情清泉
འུ་གཉིས་མཉམ་མཐུང་བྱེད་ཆོག །
我们可以一起喝
ང་ཡིས་མིག་འབྲས་འཁོར་སའི། །
我的目光所在
དམ་ཚིག་མི་འགྱུར་བྲག་ཡིན། །
是不变的誓言
~ ~ ~
༣༽ཁྱོད་དང་འུ་གཉིས་མནའ་ཚིག །
你我誓言
སྐྱེ་བ་འདི་ལ་འཁོར་ཡོད། །
围绕着此生
མནའ་ཚིག་རྡོ་རྗེའི་ཕ་ལམ། །
誓言如金刚
འུ་གཉིས་སེམས་ལ་བྲིས་ཡོད། །
都记在我们心里
ལས་ཀྱི་གཞིས་ཀ་འཁོར་སའི། །
缘的宅基地
ཁྱོད་རང་སེམས་ཀྱི་རོགས་ཡིན།
你是心灵伴侣