忆初恋情歌 - 欧 珠
ཚིག ལྷག་བསམ་རྒྱལ།
词:拉桑加
དབྱངས། ལྷག་བསམ་རྒྱལ།
曲:拉桑加
ཡིག་སྒྱུར། དཔལ་འབྱོར།
翻译:巴久
(未经许可,不得翻唱或使用)
བསམ་པ་དུང་དཀར་འདྲ་ཡིན།
心似白海螺
བརྩེ་བ་རྒྱ་མཚོ་འདྲ་ཡིན།
情似大海
སྙིང་གི་ནོར་བུ་འདྲ་ཁྱོད།
视你如宝
བྲལ་འགྲོ་བསམ་པ་མ་བྱུང་།།
怎料远去
འདས་སོང་ལོ་དང་ཟླ་བར།།
已逝岁月
ཕྱིར་དྲན་ལན་གཅིག་ཤོར་ན།།
无意怀念
དམྱལ་བའི་ཁམས་སུ་ལྷུང་འགྲོ།
陷入悲悯
དྲན་དང་མ་དྲན་མི་འདུག།
怀念无谓
ཁྱེད་རང་གང་དུ་ཡོད་ཀྱང་།།
无论何处
བདེ་སྐྱིད་ལྡན་པའི་སྨོན་ལམ།།
愿你幸福
དུང་བ་དར་དཀར་འདྲ་ཡིན།།
爱似哈达
རེ་བ་རི་བོ་འདྲ་ཡིན།།
期望如山
སྙིང་གི་ནོར་བུ་འདྲ་ཁྱོད།།
视你如宝
བྲལ་འགྲོ་བསམ་པ་མ་བྱུང་།།
怎料远去
འུ་གཉིས་བསྡད་པའི་ས་དེ།།
旧地重游
མིག་གི་ཟུར་ནས་མཐོང་དུས།།
物是人非
སེམས་ལ་གཅོང་ནད་བཟོས་སོང་།།
心痛不已
བལྟས་དང་མ་བལྟས་མི་འདུག
等待无谓
ཁྱེད་རང་གང་དུ་ཡོད་ཀྱང་།།
无论何处
བདེ་སྐྱིད་ལྡན་པའི་སྨོན་ལམ།།
愿你幸福