帕玛 - 阿斯根
词:扎西东知
曲:扎西东知
(未经著作权人许可或授权,任何单位或者个人不得翻唱或使用。)
ང་ཡི་སེམས་ན་བཤད་མི་ཚར་བའི་སྐད་ཆ་ཞིག་ཡོད།
ང་ཡི་ངག་ན་བླང་མི་ཚར་བའི་གླུ་དབྱངས་ཤིག་ཡོད།
མཐའ་ཡས་པའི་རྩ་ཐང་བརྒྱུད་དུས།
བློ་ཁོག་རྒྱ་ཡངས་པའི་ཨ་ཕ་ལགས་དྲན་བྱུང་།
མཐའ་ཡས་པའི་རྩ་ཐང་བརྒྱུད་དུས།
བློ་ཁོག་རྒྱ་ཡངས་པའི་ཨ་ཕ་ལགས་དྲན་བྱུང་།
ང་ཡི་སེམས་ན་བཤད་མི་ཚར་བའི་སྐད་ཆ་ཞིག་ཡོད།
ང་ཡི་ངག་ན་བླང་མི་ཚར་བའི་གླུ་དབྱངས་ཤིག་ཡོད།
མཐའ་ཡས་པའི་རྩ་ཐང་བརྒྱུད་དུས།
བློ་ཁོག་རྒྱ་ཡངས་པའི་ཨ་ཕ་ལགས་དྲན་བྱུང་།
མཐའ་ཡས་པའི་རྩ་ཐང་བརྒྱུད་དུས།
བློ་ཁོག་རྒྱ་ཡངས་པའི་ཨ་ཕ་ལགས་དྲན་བྱུང་།
ཨ་ཕ་ལགས། ཨ་ཕ་ལགས།
ཁྱེད་ནི་ང་ཡིས་བཤད་མི་ཚར་བའི་སྐད་ཆ་དེ་ཡིན།
ཨ་ཕ་ལགས། ཨ་ཕ་ལགས།
མི་ཚེ་གཅིག་ལ་བཤད་མི་ཚར་བའི་སྐད་ཆ་དེ་ཡིན།
ང་ཡི་སེམས་ན་བཤད་མི་ཚར་བའི་སྐད་ཆ་ཞིག་ཡོད།
ང་ཡི་ངག་ན་བླང་མི་ཚར་བའི་གླུ་དབྱངས་ཤིག་ཡོད།
ཞི་འཇགས་ཀྱི་གཙང་པོ་མཐོང་དུས།
བྱམས་བརྩེ་བ་ཅན་གྱི་ཨ་མ་ལགས་དྲན་བྱུང་།
ཞི་འཇགས་ཀྱི་གཙང་པོ་མཐོང་དུས།
བྱམས་བརྩེ་བ་ཅན་གྱི་ཨ་མ་ལགས་དྲན་བྱུང་།
ཨ་མ་ལགས། ཨ་མ་ལགས།
ཁྱེད་ནི་ང་ཡིས་བླང་མི་ཚར་བའི་གླུ་དབྱངས་དེ་ཡིན།
ཨ་མ་ལགས། ཨ་མ་ལགས།
མི་ཚེ་གཅིག་ལ་བླང་མི་ཚར་བའི་གླུ་དབྱངས་དེ་ཡིན།
བརྩེ་བའི་བདེ་དྲོད་ཤ་དང་ཁྲག་ལ་མཆེད་།
བསླབ་པའི་གདམས་ངག་རུས་དང་རྐང་ལ་ཟུག
བརྩེ་བའི་བདེ་དྲོད་ཤ་དང་ཁྲག་ལ་མཆེད་།
མི་ཚེའི་མགོན་དུ་ཤར་བའི་སེམས་ཀྱི་ཉི་ཟླ་ཡིན།