སྙིང་སྡུག་མ།
心上人
ཚིག དམངས་ཁྲོད།
词:民间
དབྱངས། དམངས་ཁྲོད།
曲: 民间
གཞས་པ། ནོར་བཟང།
歌手: 罗松
༡༽དབྱར་ཆུ་ཆེ་ན་ཆེ་ཤོག།
夏水越大越好
དགུན་ཆུ་ཆུང་ན་ཆུང་ཤོག །
冬水小就小吧
རྟ་ཕོ་རག་ཕྲུག་ང་གཉིས།
我和小马
ཆུ་མགོ་བསྐོར་ནས་སླེབས་ཡོང།
源头绕水来了
ཨ་ལ་ཨ་ལ་་་ན་ར་ན་ར།
阿拉阿拉纳拉纳拉
ང་ཡི་སྙིང་སྡུག་ཆུང་ཆུང།
我的小甜心
འཛོམས་པའི་རེ་སྨོན་འདེབས་ཡོད།
祈求相聚
~
༢༽ཁྱེད་ནི་ལ་མོ་ཕར་ནང།
你在山坡前头
ང་ནི་ལ་མོའི་ཚུ་ནང།
我在山坡后头
གཅིག་སེམས་གཅིག་ལ་ཡོད་ན།
同心同德
འཛམ་གླིང་གཡས་བསྐོར་རྒྱབ་འགྲོ།
环游世界右去后
ཨ་ལ་ཨ་ལ་་ན་ར་ན་ར།
阿拉阿拉纳拉纳拉
ང་ཡི་སྙིང་སྡུག་ཆུང་ཆུང།
我的小甜心
འཛོམས་པའི་རེ་སྨོན་འདེབས་ཡོད།
祈求圆满
~
༣༽ཁྱོད་སེམས་ང་ལ་འཁོར་ཡོད། །
你的心在我身上
ང་སེམས་ཁྱོད་ལ་ཆགས་ཡོད། །
我的心在你身上
ཨ་འགྲིག་བརྩེ་སེམས་ཆ་འགྲིག།
感情成对
མི་ཚེ་མཉམ་དུ་སྐྱེད་ཆོག །
一生可以在一起
ཨ་ལ་ཨ་ལ་་ན་ར་ན་ར།
阿拉阿拉纳拉纳拉
ང་ཡི་སྙིང་སྡུག་ཆུང་ཆུང།
我的小甜心
འཛོམས་པའི་རེ་སྨོན་འདེབས་ཡོད།
祈求圆满