仁青塔 - 牧羊姑娘
作词:让扎
作曲:加央旦增
བསྭོ་་་་་་འབའ་འབའ་ལུ་གུ་རྗེས་ཀྱི། ཡ་ལ།
འབའ་ཡི་ན་གཞོན་བུ་མོ། ཞང་ཡ་རེ་ལོ།
བུ་མོའི་རྐང་རྗེན་མིན་ན།
ཕྱིང་བུའི་རྐང་འབོབ་མི་བཟོ། ཡ་རེ་ལོ།
བསྭོ་་་་་་གཡང་དཀར་སྟོད་ལ་ཤོར་ན། ཡ་ལ།
ཀི་ཡིས་ཁ་ལོ་བསྐོར་ཆོག། ཞང་ཡ་རེ་ལོ།
ལུག་ཆུང་སྨད་ལ་བྲོས་ན།
རྩིད་པའི་འུར་ཆ་གཏོང་ཆོག། ཡ་རེ་ལོ།
ཞང་ཡ་རེ་ལོ།
ལུག་ལ་ལ་ག་ཤ་གཟན།
ལུ་གུ་མ་མོ་འཚེར་མོ། ཞང་ཡ་རེ་ལོ།
སྲོད་ལ་ཚང་རྩིས་བརྒྱབ་ན།
ལུག་ལ་བོར་སྟོར་མི་འབྱུང་། ཡ་རེ་ལོ།
བསྭོ་་་་་་གཡང་དཀར་སྟོད་ལ་ཤོར་ན། ཡ་ལ།
ཀི་ཡིས་ཁ་ལོ་བསྐོར་ཆོག། ཞང་ཡ་རེ་ལོ།
ལུག་ཆུང་སྨད་ལ་བྲོས་ན།
རྩིད་པའི་འུར་ཆ་གཏོང་ཆོག། ཡ་རེ་ལོ།
ཞང་ཡ་རེ་ལོ།
ལུག་ལ་ལ་ག་ཤ་གཟན།
ལུ་གུ་མ་མོ་འཚེར་མོ། ཞང་ཡ་རེ་ལོ།
སྲོད་ལ་ཚང་རྩིས་བརྒྱབ་ན།
ལུག་ལ་བོར་སྟོར་མི་འབྱུང་། ཡ་རེ་ལོ།
ཞང་ཡ་རེ་ལོ།
གཡང་དཀར་མཐའ་ནས་བསྐོར་བ།
བུ་མོའི་ལུ་གུ་འཚོ་སྲོལ། ཞང་ཡ་རེ་ལོ།
བལ་ལ་ཁ་ཆུན་ཆགས་ན།
འབོབ་ལ་ཟད་རྒྱུ་མི་འདུག། ཡ་རེ་ལོ།
བལ་ལ་ཁ་ཆུན་ཆགས་ན།
འབོབ་ལ་ཟད་རྒྱུ་མི་འདུག། ཡ་རེ་ལོ།