གནའ་ལམ་ཆང་གཞིས།
古街酒吧
ཚིག བེ་དུང་།
词:外懂
དབྱངས། བསོད་ནམས་སྟོབས་རྒྱལ།
曲:索南多杰
མཉམ་ལེན། བསོད་ནམས་སྟོབས་རྒྱལ།
合唱:索南多杰&卓玛措&彭毛才旦&忠措
སྒྲོལ་མ་འཚོ། མདའ་ཨ་འཕགས། སྒྲོན་འཚོ།
གནའ་ལམ་ཆང་གི་གཞིས་ཀ་ན།།
在古街酒吧里
ཤག་པོ་བརྒྱ་དང་བརྒྱད་པོ་འཛོམས།།
所有朋友聚集在一起
ལོ་ཆང་ལོ་ཡག་ཁམ་པ་འཁྱིལ།།
有甘甜的美酒
ཟླ་ཆང་བདུད་རྩི་བསིལ་མ་ལྟེམས།།
有美味的好酒
གནའ་ལམ་ཆང་གཞིས། གནའ་ལམ་ཆང་གཞིས།
古街酒吧 古街酒吧
ཞག་ཆང་ཞིམ་པོ་བརྩེ་བས་བཞེས།།
干了一杯含情的酒
སྙིང་གཏམ་ཆང་ལ་ཕབ་རོགས་ཡོད།།
有朋友酒后聊
སེམས་ལ་སེམས་པ་འཇོག་རོགས་ཡོད།།
有心对心的朋友
གནའ་ལམ་སྲང་ན་དུས་ཆད་ཡོད།།
相约在古街酒吧
གནའ་ལམ་ཆང་གཞིས། ཆང་གི་མཚན་མོ།
古街酒吧 古街酒吧
༢ ~
གནའ་ལམ་ཆང་གི་གཞིས་ཀ་ན།།
在古街酒吧里
གར་མ་བརྒྱ་འདུས་སྟོང་འདུས་འཛོམས།།
众多舞女聚集一起
བྲོ་གར་བྲོ་ཡི་སྒེག་ཉམས་མཛེས།།
婀娜多姿让人醉
ཆང་མགུར་གཞས་ཀྱི་མཆོད་པ་སྙན།།
动听的酒歌美
གནའ་ལམ་ཆང་གཞིས། གནའ་ལམ་ཆང་གཞིས།
古街酒吧 古街酒吧
མགྲོན་པོ་འཛུམ་གྱིས་བསུ་མཁན་ཡོད།།
以笑容迎接客人
བརྩེ་བའི་ལག་འཇུ་གནང་རོགས་ཡོད།།
有情有爱握握手
ཞེ་འདང་མེ་ཁ་གསོ་རོགས་ཡོད།།
有旧情复燃的伴侣
སྣང་བའི་རྟ་ཁ་གློད་རོགས་ཡོད།།
有谈情说爱的朋友
གནའ་ལམ་ཆང་གཞིས། ཆང་གི་འཆམ་ར།
古街酒吧 酒的舞台
༣ ~
གནའ་ལམ་ཆང་གི་གཞིས་ཀར་འགྲོ།
走一趟古街酒吧
སྣང་བ་དྭངས་སའི་རང་ཁྱིམ་སྐྱིད།།
自己的家园很舒服
མིག་དབང་འཕྲོག་པའི་རྩེད་འཇོ་ངོམ།།
炫耀夺目的玩耍
ནས་འབྲུ་སྔོན་མོའི་ནས་ཆང་བསིལ།།
青稞酒甘甜可口
གནའ་ལམ་ཆང་གཞིས། གནའ་ལམ་ཆང་གཞིས།
古街酒吧 古街酒吧
འབྲས་དཀར་གཙང་མའི་འབྲས་ཆང་མངར།།
洁白的米酒甘甜爽口
གློག་འོད་དཀར་སེར་དམར་ལྗང་མཛེས།།
五颜六色的灯光美
ཆང་མ་འཕྱོར་མོའི་ཁ་ཚིག་མཚར།།
美丽酒娘的口头禅
འཛོམས་པའི་ཆང་འདི་ཞབས་དག་གནོངས།།
干一杯这欢聚的美酒
གནའ་ལམ་ཆང་གཞིས། ཆང་གི་འཇིག་རྟེན།
古街酒吧 酒的世界