自强不息 - 顿桑
词:丁增森格
曲:民间
宣传:谢旦贴吧工作室
གངས་ཅན་བུ་དང་བུ་མོ།།
དབུ་འཕང་དགུང་ལས་མཐོ་ཤོག།
མི་ཚེའི་ཕུགས་བསམ་འགྲུབ་ནས།།
མཚན་སྙན་རྒྱལ་ཁམས་གྲགས་ཤོག།
རང་ཚུགས་གསེར་གྱི་རྡོ་རིང་།།
མ་འགྱུར་བརྟན་པོ་ཆོངས་དང་།།
ཕ་དང་མེས་པོའི་སྲོལ་བཟང་།།
ང་དང་ཁྱེད་ཀྱི་རྒྱན་ཡིན།།
ན་གཞོན་བུ་དང་བུ་མོ།།
ཤེས་བྱའི་རྒྱ་མཚོར་འགྲིམ་ཤོག།
ཉེར་གཅིག་དུས་རབས་འདི་ལ།།
རིག་པའི་སྒྱུ་རྩལ་ངོམ་དགོས།།
མི་ཡུལ་འཇིག་རྟེན་ཁམས་ནས།།
རང་འགན་རང་གིས་ཁུར་དགོས།།
རང་ལམ་རང་གིས་འཚོལ་ནས།།
རང་བདེ་རང་གིས་བསྐྲུན་དགོས།