刀马刀马(藏语版)-旺姆
原词:Djego Cardoso Garcia/Mc Staff
曲:Nakama/MC Staff
藏语词:珞殿
监制:孙成龙
混音/母带工程师:阴阴
执行统筹:小文
营销推广:孙成龙/郭一晨/丁宁/贝拉/刘芊妤/周祯
版权宣发:田园
封面设计:雪碧/程烨子
出品人:梁宗豪/颜超
出品公司:诚利千代娱乐
OP:成都长声主义文化创意有限公司
【本音乐作品已获得正版授权】
སེམས་གཏིང་ལ་འཁོར་བའི་བྲོ་བ།
ངས་བརྗེད་མི་མྱོང་།
ཞོ་དཀར་དཀར་ སྤྲིན་གྱི་ཚོར་སྣང་།
འཁྱུག་ཙམ་གཅིག།
འབྲས་ལྡེམ་ལྡེམ་སྟེང་ལ་བཀབ་ན་།
ངོ་མཚར་ཆེ་།
བྲོ་བ་གང་འདྲ་ཞིག་ངའི་སེམས་
གཏིང་ལ་ཟུག་པ་འདྲི་དགོས་ན་།
ཞོ་ tomar tomar tomar།
འབྲས་ tomar བདེ་མ་ཐང་ཐང་།
ཞོ་འབྲས་བདེ་ཞིང་སྐྱིད།
ཚང་མ་བཀྲ་ཤིས་ཤོག་ལྭ་བཀྲ་ཤིས་ཤོག་།
ཞོ་ tomar tomar tomar།
འབྲས་ tomar བདེ་མ་ཐང་ཐང་།
ཞོ་འབྲས་བདེ་ཞིང་སྐྱིད།
ཚང་མ་བཀྲ་ཤིས་ཤོག་ལྭ་བཀྲ་ཤིས་ཤོག་།
རོ་བཅུད་ལྡན་པའི་ཞོ་འབྲས་
ཞོ་སྟོན་སླེབས་དུས་ང་ཚོ་ཚང་མས་དགའ་།
ད་བྲོ་བ་གང་འདྲ་ཞིག་ངའི་སེམས་
གཏིང་ལ་ཟུག་པ་འདྲི་དགོས་ན་།
དཔེ་མི་སྲིད་ཕ་མའི་བསམ་ཤེས།
བྱིས་པ་ནས་ད་བར་དུ་ཁྲིད།
གནམ་སྔོ་སྔོ་ཕ་ཡི་དཔུང་པ་།
ས་བརྟན་བརྟན་མ་ཡི་སེམས་པ་།
ད་དེ་རིང་གནས་འདིར་འཛོམས་འཛོམས་།
རང་བྱུང་ཁམས་ལ་བཀའ་དྲིན་ཞུ།
འགྱུར་བ་མེད་དབྱར་དགུན་སྟོན་དཔྱིད།
ཚེ་འདི་ལ་ང་ཚོ་མཉམ་འགྲོགས་།
ད་ཀ་ར་ཏོག་ཙམ་བརྒྱབ་བཞིན་དཀྲུག་དཀྲུག་བཏང་།
སྐྱུར་སིལ་སིལ་ནས་སྔར་ཆག་ཆག་ལ་ཤར།
ཕ་མ་སྤུན་མཆེད་འཛུམ་མདངས་ཞེས།
གླུ་དབྱངས་ལེན་བཞིན་བསིལ་སང་སང་དུ་ཤར།
མ་འོངས་པའི་རེ་བ་བཅོལ་ནས་
འདས་ཟིན་པའི་ཐོག་མའི་བསམ་ཚུལ་འདི་ཡང་དྲན།
སྐབས་འདིར་ང་ཚོ་མཉམ་དུ་འགྲོ་།
ཉི་ཟླ་ཡི་འོད་ཟེར་འོག་།