作词 : 达娃次仁
作曲 : 达娃次仁
ཆགས་དང་མ་ཆགས་ཡོད་རི་བོའི་དཀྱིལ་ལ་ཆགས།
ལྷ་ཤིང་ཤུག་པའི་གསེབ་ལ་ཤུག་གསེབ་དགོན་པ་ཆགས།
ཆགས་དང་མ་ཆགས་ཡོད་རི་བོའི་དཀྱིལ་ལ་ཆགས།
བྱིའུ་ཆུང་གསུང་སྐད་སྙན་པོ་རི་བོའི་དཀྱིལ་དུ་ཆགས།
ཡ་ལ། དེ་འདྲའི་བསོད་ནམས་ཆེ་བ་ལའང་།
ཡ་ལ། དེ་འདྲའི་བསྐལ་པ་བཟང་བ་ལའང་།
ཆགས་དང་མ་ཆགས་ཡོད་རི་བོ་དེ་ལ་ཆགས།
རྩི་ཤིང་མེ་ཏོག་སྣ་ཚོགས་རི་བོ་དེ་ལ་ཆགས།
ཆགས་དང་མ་ཆགས་ཡོད་རི་བོ་དེ་ལ་ཆགས།
ཆུ་མིག་དྭངས་གཙང་རིན་ཆེན་དབང་པོ་རི་ལ་ཆགས།
ཡ་ལ། དེ་འདྲའི་བསོད་ནམས་ཆེ་བ་ལའང་།
ཡ་ལ། དེ་འདྲའི་བསྐལ་པ་བཟང་བ་ལའང་།
ཡ་ལ། དེ་འདྲའི་བསོད་ནམས་ཆེ་བ་ལའང་།
ཡ་ལ། དེ་འདྲའི་བསྐལ་པ་བཟང་བ་ལའང་།
དེ་འདྲའི་བསྐལ་པ་བཟང་བ་ལའང་།
出品 : 西藏神奇小子文化传媒