བཀྲ་ཤིས་གཡང་གི་ལོ་གསར།
吉祥新年
ཚིག ཧོར་མདུང་བཟང་།
作词:霍东桑
དབྱངས། བསོད་ནམས་སྟོབས་རྒྱལ།
作曲:索南多杰
གཞས་པ། བསོད་ནམས་སྟོབས་རྒྱལ།
原唱:索南多杰
发行:念藏仁青歌曲发行官网
(歌词大意)
སྐྱིད་གནམ་ལོ་གསར་དུ་ཚེས་པའི་ཉིན།
ལོ་གསར་བའི་བྱ་གཞག་ཡོད་ཚད་དེ།
སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོར་བཅོལ།
དྲིན་ཕ་ལོའི་སྐུ་ལ་ཚེ་རིང་ཤོག
དྲིན་མ་ལོའི་ལུས་ལ་ནད་མེད་ཤོག
ཕ་ལོ་ལགས། སྐུ་ཚེ་བརྟན།
མ་ལོ་ལགས། ཚེ་ཐག་རིང་།
ལོ་གསར་བ་ཉི་མ་རང་ཤར་རེད།
ཁྱིམ་འདི་ལ་དགའ་བའི་འོད་ཟེར་འཕྲོས།
གོས་དང་ཚ་རུ་རྒྱབ་ལ་གོན།
གཡུ་དང་བྱུ་རུ་སྐེ་ལ་བཏགས།
གཉེན་དང་ཨ་ཁུ་མགྲོན་ལ་ཕེབས།
འཛུམ་དང་དགོད་སྒྲས་སྨོན་ཚིག་བརྗོད།
ཨོ་ཧོ་ཡེ།
ལོ་གསར་བསུ ཡ ལོ་གསར་བསུ།
བཀྲ་ཤིས་པའི་གཡང་གི་ལོ་གསར་བསུ།
ལོ་གསར་བར་བསམ་དོན་འགྲུབ་པར་ཤོག
སྐྱིད་གནམ་ལོ་གསར་དུ་ཚེས་པའི་ཉིན།
ལོ་གསར་བའི་རེ་འདུན་ཡོད་ཚད་དེ།
སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོར་བཅོལ།
ནང་ཕུ་ནུའི་རླུང་རྟ་དར་བར་ཤོག
མ་སྲུ་མོའི་ཁ་ལས་དགེ་བར་ཤོག
སྤུན་ཟླ་ལགས། རླུང་རྟ་དར།
མ་སྲུ་ཚོ། ཁ་ལས་དགེ།
ལོ་གསར་བ་དབྱར་ཟླ་རང་བྱོན་རེད།
ཁྱིམ་འདི་ལ་གཡང་གི་ཆར་བ་བབས།
འབྲི་དང་མཛོ་མོ་རྡང་ལ་བཏགས།
རྟ་དང་ལུག་གིས་ལྷས་ར་གང་།
འདོད་དང་ལོངས་སྤྱོད་གཞི་ལ་ཕེབས།
སེམས་དང་ཚོར་བ་སྐྱིད་ལ་མཉམ།
ཨོ་ཧོ་ཡེ།
ལོ་གསར་བསུ།ལོ་གསར་བསུ།
བཀྲ་ཤིས་པའི་གཡང་གི་ལོ་གསར་བསུ།
ལོ་གསར་བར་གཡང་གིས་གང་བར་ཤོག