羌塘民族迎客之歌 - 让桑巴旦
词:达瓦东周
曲:罗泽
ཕེབས་ཤོག་ཕེབས་ཤོག།
来吧 来吧
བྱང་ཐང་འདི་རུ་ཕེབས་ཤོག།
到魅力羌塘之地
བྱང་ཐང་མི་རིགས་གར་སྟེགས་ཆེ་མོའི་ནང་ལ།
在羌塘民族大舞台上有
སྙན་མོ་གླུ་ཡི་མཆོད་པ་འདི་ན་ཡོད།
妙音赞歌之旋律
ལྡེམ་ལྡེམ་གར་གྱི་སྟངས་སྟབས་འདི་ན་ཡོད།
翩翩起舞的舞蹈
བསོའོ་ ཤ་ཉེ་ཚོ།
来吧 亲友们
མི་རིགས་རང་གི་སྲོལ་བཟང་རྒྱུད་འཛིན་ཡོད།
一起传承本民族传统美德
བསོའོ་ གྲོགས་པོ་ཚོ།
来吧 朋友们
ཕེབས་ཤོག་ཕེབས་ཤོག་གར་སྟེགས་འདི་རུ་ཕེབས་ཤོག
快来到绚丽夺目的大舞台
ཕེབས་ཤོག་ཕེབས་ཤོག།
来吧 热烈欢迎
བྱང་ཐང་འདི་རུ་ཕེབས་ཤོག།
到魅力羌塘之地
བྱང་ཐང་མི་རིགས་གར་སྟེགས་ཆེ་མོའི་ནང་ལ།
在羌塘民族大舞台上有
སྲོལ་རྒྱུན་ལྡན་པའི་ཞབས་བྲོའི་གར་སྟབས་ཡོད།
有着传统动作的舞蹈
དེང་རབས་གསར་དར་རིག་གནས་སྒྱུ་རྩལ་ཡོད།
有着现代新兴文化艺术
བསོའོ་ ཤ་ཉེ་ཚོ།
来吧 亲友们
ཕུན་སུམ་ཚོགས་པའི་སྣ་མང་ཤེས་བྱ་ཡོད།
有丰富多样的文化
བསོའོ་ གྲོགས་པོ་ཚོ།
来吧 朋友们
ཕེབས་ཤོག་ཕེབས་ཤོག་གར་སྟེགས་འདི་རུ་ཕེབས་ཤོག
快来到绚丽夺目的大舞台
ཕེབས་ཤོག་ཕེབས་ཤོག།
来吧
བྱང་ཐང་འདི་རུ་ཕེབས་ཤོག།
到魅力羌塘之地
བྱང་ཐང་མི་རིགས་གར་སྟེགས་ཆེ་མོའི་ནང་ལ།
在羌塘民族大舞台上有
བྱང་ཐང་འཇོལ་མོའི་དབྱངས་རྟ་སྙན་མོ་ཡོད།
羌塘莺歌的旋律之美
འགྱུར་ཁུག་སྙན་ངག་ཁུ་བྱུག་གསུང་འདྲ་ཡོད།
有着杜鹃般的歌声
བསོའོ་ ཤ་ཉེ་ཚོ།
来吧 亲友们
སྙན་པའི་གླུ་དང་མཚར་བའི་ཞབས་བྲོ་ཡོད།
歌舞表演精彩纷呈
བསོའོ་ གྲོགས་པོ་ཚོ།
来吧 朋友们
ཕེབས་ཤོག་ཕེབས་ཤོག་གར་སྟེགས་འདི་རུ་ཕེབས་ཤོག
快来到绚丽夺目的大舞台
ཕེབས་ཤོག་ཕེབས་ཤོག།
来吧 来吧
བྱང་ཐང་འདི་རུ་ཕེབས་ཤོག།
来到魅力羌塘之地
བྱང་ཐང་མི་རིགས་གར་སྟེགས་ཆེ་མོའི་ནང་ལ།
在羌塘民族大舞台上有
སྟག་ཤར་དཔའ་རྩལ་ལྡན་པའི་རྫིག་ཉམས་ཡོད།
有男子汉的气概
སྨན་ཆུང་སྐྱེ་གཟུགས་མཛེས་མའི་གར་སྟབས་ཡོད།
有玲珑少女的舞姿
བསོའོ་ ཤ་ཉེ་ཚོ།
来吧 亲友们
བདེ་སྐྱིད་དགོད་སྒྲའི་གང་བའི་སྤྲོ་སྣང་ཡོད།
在这充满幸福的歌声里
བསོའོ་ གྲོགས་པོ་ཚོ།
来吧 朋友们
ཕེབས་ཤོག་ཕེབས་ཤོག་གར་སྟེགས་འདི་རུ་ཕེབས་ཤོག
快来到绚丽夺目的大舞台