大爱心 - 扎西尼玛
词:尼玛才仁
曲:索南扎巴
编曲:许文君
录混:许文君
制作:扎西尼玛音乐工作室
发行统筹:郑梦夏
监制:闻震
出品:福气文化
OP:北京福气文化发展有限公司
SP:索雅音乐版权代理(北京)有限公司
གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།
ལ་ལུང་ཐང་གསུམ་ཀུན་ལ་ཁྱབ་པ་ནི།
བྱམས་དང་སྙིང་རྗེའི་ས་བོན་ཡུན་དུ་གནས།།
བདག་གཞན་བདེ་བའི་རྒྱུ་རྐྱེན་ཁྱེད་ཉིད་རེད།།
ཨ། བྱམས་སྙིང་རྗེ།
ཁྱེད་ནི་ཡིད་དུ་བཞད་པའི་མེ་ཏོག་ཡིན།
ཁྱེད་ནི་སེམས་ནས་བཞུར་བའི་གཙང་ཆབ་ཡིན།
ཁྱེད་ནི་སྙིང་གིས་གསོས་པའི་ཉི་འོད་ཡིན།
གངས་རི་ར་བས་བསྐོར་བའི་ཞིང་ཁམས་ནས།།
ལ་ལུང་མང་བའི་འཛམ་གླིང་ཡུལ་གྲུ་ཀུན།།
བྱམས་དང་སྙིང་རྗེའི་ས་བོན་ཡོངས་སུ་ཁྱབ།།
བདག་གཞན་བདེ་བའི་རྒྱུ་རྐྱེན་ཁྱེད་ཉིད་རེད།།
ཨ། བྱམས་སྙིང་རྗེ།
ཁྱེད་ནི་ཡིད་དུ་བཞད་པའི་མེ་ཏོག་ཡིན།
ཁྱེད་ནི་སེམས་ནས་བཞུར་བའི་གཙང་ཆབ་ཡིན།
ཁྱེད་ནི་སྙིང་གིས་གསོས་པའི་ཉི་འོད་ཡིན