མ་ཁྱོད་རྒས་པ་དོན་རེ་ཡོད་ཀི
恩母年高仍珍贵
ཚིག སོ་ནག་དབྱངས་སྙན།
词:索呐央念
དབྱངས། བསོད་ནམས་སྟོབས་རྒྱལ།
曲:索南多杰
ལེན་མཁན། བསོད་ནམས་སྟོབས་རྒྱལ།
演唱:索南多杰
སྒྲ་ལེན་ཞིབ་སྦྱོར་བ། གཡང་རོང་ཨ་དོན།
录音: 央容阿东
འཇིག་རྟེན་འཁོར་བ་སྲིད་པའི་གྲོང་ཚོ། །
轮回世间红尘中,
སྐྱིད་སྡུག་ལེགས་ཉེས་མདང་གི་རྨི་ལམ། །
悲欢善恶似若幻梦。
ཟིན་མེད་མི་ཚེའི་དུས་ཚོད་ནང་ལ།།
未生岁月犹未醒,
ཨ་མའི་སྐུ་ལུས་གསེར་གྱི་ལྗོན་པ།།
母身已作金树松,
ལོ་རྒན་དགུ་བཅུའི་གཡང་ལ་སླེབས་བྱུང་།།
九秩寿辰悄然逢。
རྒས་རྒས་དུང་རྒས་ཨ་མའི་ལྷག་བསམ།།
鬓发苍苍慈母心,
དཀར་པོ་དུང་གི་མདངས་ཤིག་ཤར་འདུག
莹如白螺照清明。
མ་ཁྱོད་རྒས་པ་དོན་རེ་ཡོད་ཀི
恩母年高仍珍贵。
དབྱར་གསུམ་ཚ་བས་སྐོམ་དུ་མ་བཅུག།
三夏未让渴热侵,
དགུན་གསུམ་འཁྱག་རུང་གྲང་གི་མ་བཅུག།
三冬未令寒冻凛。
གང་ཞིམ་གང་ཡག་བུ་ལ་གནངས་ཏེ།།
甘美皆予儿女享,
ལག་པའི་ཕྱི་ནང་སེར་ཀས་ཁེངས་ཡང་།།
双手茧厚满艰辛,
འཛུམ་པའི་ཉི་མ་འོད་ཀྱིས་ཤར་ཡོད།།
笑颜如日暖犹明。
རྒས་རྒས་འབྲི་རྒས་ཨ་མའི་ཟོ་མདོག།
纹深面苍慈母容,
འབྲི་མར་སེར་བོའི་མདངས་ཤིག་ཡོད་འདུག
犹如酥油润而温。
མ་ཁྱོད་རྒས་པ་དོན་རེ་ཡོད་ཀི
恩母年高仍珍贵。
ལས་དབང་དར་རྒུད་རེས་སུ་འཁོར་ཡང་།།
命运浮沉虽轮转,
དཀའ་སྡུག་ལས་ལ་མགོ་བོ་མི་སྒུར།།
苦难当前不折躬。
གཞི་ཁྱིམ་སྨུག་པོའི་ནང་རོལ་འདི་ན།།
红尘琐碎家事中,
མ་ཁྱོད་ཀ་བ་བཞིན་དུ་བརྟན་ཡོད། །
母似楹柱稳而坚。
རྒས་རྒས་བྱ་རྒས་ཨ་མའི་སྐུ་དྲིན།
背弯年高慈母恩,
གཡུ་སྒྲོ་ལྗང་གུའི་རིན་དོད་ཡིན་འདུག
贵如松石缀青缨。
མ་ཁྱོད་རྒས་པ་དོན་རེ་ཡོད་ཀི
恩母年高仍珍贵。
དགུ་བཅུའི་གོ་སྟོན་བཀྲ་ཤིས་ཞལ་དྲོ།
九旬寿诞祥瑞涌!