ཁྱིམ།
家
མགོ་ལོག་དབང་ཕྱུག
词:果洛昂秀
曲:阿东
演唱:阿东
ཁྱིམ་ལ་སྤྲོ་བའི་དྲོད་ཁོལ་འཁོར་ཡོད། །
འཚོ་བ་འཛུམ་གྱི་འཕྲེང་བར་བརྒྱུས་ཡོད། །
འཛུམ་ལ་སྟོན་གྱི་ཟླ་བ་ཚེས་འདྲའི། །
བུ་དང་བུ་མོ་འཁོར་བའི་མེ་ཏོག།
འཁོར་བའི་མེ་ཏོག་ཕ་མའི་ནོར་བུ། །
ནོར་བུ་འདྲ་བ་ཁྱོད་ལས་མི་འདུག།
~
ཁྱིམ་ལ་བརྩེ་བའི་ཁ་ཞག་འཁྱིལ་ཡོད། །
གོ་ཁར་དགོད་སྒྲའི་ཆར་བ་བབས་ཡོད། །
རིན་ཆེན་གསེར་གྱི་ཨ་ལོང་བརྒྱུས་འདྲའི། །
ཁྱོད་དང་འུ་གཉིས་འཁོར་བའི་དམ་ཚིག །
འཁོར་བའི་དམ་ཚིག་ཁྱིམ་གྱི་རྒྱབ་རི། །
རྒྱབ་རི་འདྲ་བ་ཁྱོད་ལས་མི་འདུག།
~
ཁྱིམ་ལ་གཡང་གི་རུ་མ་ཆགས་ཡོད། །
སྦྲ་མགོར་སྐྱིད་ཀྱི་དུད་ཞགས་འཁོར་ཡོད། །
སྦྲ་མཐར་རིན་ཆེན་ཁྲ་རྒྱན་འདྲ་བའི། །
གཡང་གི་རྟ་ནོར་འཁོར་བའི་རྟེན་གཞི། །
དགའ་སྐྱིད་འཚོ་བའི་ལོངས་སྤྱོད་འཛོམས་པོ། །
གཡང་གི་རྟ་ནོར་ཁྱོད་ལས་མི་འདུག །