མདང་ནུབ།
昨夜DJ版
ཚིག དྲུང་ཡིག་རབ་ཁོ།
作词:忠优拉科
དབྱངས བསོད་ནམས་སྟོབས་རྒྱལ།
作曲:索南多杰
གཞས་པ བསོད་ནམས་སྟོབས་རྒྱལ། རྩེ་བུ་རྡོར་རྗེ
演唱:索南多杰&泽吾多杰
(歌词大意)
མདང་ནུབ་ཆར་བ་བབས་བྱུང།
昨夜下了一场雨
ཆར་བའི་སྒྲ་ལ་ཉན་ན།
倾听它的声音
མིག་ཆུ་ཞིག་ཀྱང་ཡོད་འདྲ།
双眼似有泪水
རྒྱང་རིང་ཡུལ་གྱི་བུ་མོ།
远方的姑娘
ཁྱེད་རང་ངུས་པ་ཨེ་རེད།
是不是你哭了
མིན་ན་ཆར་གྱིས་དེད་པའི།
若不是你哭了
བྱེའུ་ཆུང་རྨས་མ་ཞིག་རེད།
那是一只被雨伤的鸟
མདང་ནུབ་རླུང་བུ་གཡུགས་བྱུང།
昨夜吹起了风
རླུང་བུའི་སྒྲ་ལ་ཉན་ན།
倾听它的风声
དངན་པ་ཞིག་ཀྱང་ཡོད་འདྲ།
像是你的叹气
རྒྱང་རིང་ཡུལ་གྱི་བུ་མོ།
远方的姑娘
ཁྱེད་རང་སྐྱོ་བ་ཨེ་རེད།
你是否伤心了
མིན་ན་རླུང་གིས་རལ་བའི།
如不是你伤心
ལོ་མ་ལྡོམ་པོ་ཞིག་རེད།
那是随风飘下的落叶
མདང་ནུབ་སྤྲིན་པ་འཁྲུགས་བྱུང།
昨夜乌云密布
སྤྲིན་པའི་བར་ལ་བལྟས་ན།
看那乌云间
སྐར་མ་ཞིག་ཀྱང་ཡོད་འདྲ།
仿佛有颗星星
རྒྱང་རིང་ཡུལ་གྱི་བུ་མོ།
远方的姑娘
ཁྱོད་ཀྱི་མིག་ཟུང་ཨེ་རེད།
是否你那明亮的眼睛
མིན་ན་དྲན་པའི་ཀློང་གི།
如不是你那双眼
སྐར་མ་ཁེར་རྐྱང་ཞིག་རེད།
那是颗独行的星星