德吉央措 - 多杰顿知
ཚིག་རྩོམ་མཁན། བསོད་ནམས་བསྟན་དགའ།
作词者:索南旦尕
དབྱངས་རྩོམ་མཁན། རྨི་ལམ་ཚེ་རིང་།
作曲者:穆啦才让
མཉམ་ལེན། རྨི་ལམ་ཚེ་རིང་། ཆོས་འགྲུབ། བློ་བཟང་།
歌唱家:穆啦才让/求知/罗让
བུ་མོ་ཡེ།
布姆耶
བདེ་སྐྱིད་གཡང་མཚོ་སེམས་ཀྱི་དཀྱིལ་ན་ཡོད།
心中的女神德吉央措
དྲན་པའི་ལོ་ཟླ་ཉིན་དང་ཞག་གཅིག་མིན།
笑脸如花
སྐྱིད་རོགས་སྡུག་རོགས་ཆུང་མ་ཁྱོད་ལས་མེད།
用我心追随你生在何方
གསེར་གྱི་རྣ་ལུང་ངས་རྡུངས།
越过大街小巷
དེ་ལ་གཡུ་ཡི་ཕྲ་འཇོག
心中带着思念
འོ་་་རིན་ཆེན་རྒྱན་ཆ་བསྒྲིགས་ན།
骑着马儿
སང་ལོར་བག་མ་ཡོང་དགོས།
接你做我新娘
བུ་མོ་ཡེ།
布姆耶
བདེ་སྐྱིད་གཡང་མཚོ་སེམས་ཀྱི་དཀྱིལ་ན་ཡོད།
德吉央措怀着心的中央
དྲན་པའི་ལོ་ཟླ་ཉིན་དང་ཞག་གཅིག་མིན།
思念不仅日夜
སྐྱིད་རོགས་སྡུག་རོགས་ཆུང་མ་ཁྱོད་ལས་མེད།
我想和你同甘共苦
གསེར་གྱི་རྣ་ལུང་ངས་རྡུངས།
买个黄金耳环
དེ་ལ་གཡུ་ཡི་ཕྲ་འཇོག
绿松配在上面
འོ་་་རིན་ཆེན་རྒྱན་ཆ་བསྒྲིགས་ན།
当作定情信物
སང་ལོར་བག་མ་ཡོང་དགོས།
做我终生情人
བུ་མོ་ཡེ།
布姆耶
བདེ་སྐྱིད་གཡང་མཚོ་དྲན་པའི་གཞི་མ་ཡིན།
牧人德吉央措
མཐུན་ན་སྐྱིད་ཡིན་འགྲོགས་ན་ཚེ་ནོམ་ཡིན།
浪子不忘初心
འགྲིག་ན་རྒྱན་ཡིན་བརྟན་ན་ཁྱིམ་ནོར་ཡིན།
你我结缘之恋
མགོ་ནག་སྦྲ་ཞིག་ཕུབས་ཏེ།
身穿藏装
གཡང་གི་སྒོ་ཟོག་འཚོ་བཞིན།
等待星辰之日
འོ་་་མི་སེམས་སྐྱིད་ལ་འཁོར་ནས།
亲朋好友一起
ཁྱིམ་གཞི་དྲོན་མོ་སྐྱོངས་དགོས།
饮上你我喜酒
བུ་མོ་ཡེ།
布姆耶
བདེ་སྐྱིད་གཡང་མཚོ་འཁོར་བའི་འབྲོག་མོ་ཡིན།
爱人德吉央措
བུ་ངའི་སེམས་པ་ཁྱོད་ལ་འཁྲེང་ནས་ཡོད།
共建美好家庭
ལས་དབང་ཡོད་ན་ལས་ཀྱི་མེ་ཏོག་ཡིན།
满屋回荡笑语
གོས་ཆེན་ཚར་ལྭ་གྱོན་དང་།
黑色帐篷门前
རྟེན་འབྲེལ་སྟོན་མོ་བསྒྲིགས་ཆོག
牦牛背着白云
འོ་་་གྲོགས་དང་ན་ཟླ་འཛོམས་ན།
你我手牵着手
གཉེན་ཆང་མཉམ་དུ་འཐུང་ཆོག
余生陪你到老