阿里姑娘 - 桑杰才让
词:岗华
曲:三智才让
翻译:贝尔斯
རྩིག་པ་མཚལ་གྱི་མཁར་ལ།།
རྒྱ་ཕིབས་ཉི་ཟླའི་ནོར་བུ།།
གཟིམ་ཆུང་བྱུ་རུའི་སྒོ་མོ།།
ཁྱུང་གི་ཝེར་མས་སྲུང་ཡོད།།
གྲུམ་ཙེ་གཡུང་དྲུང་ཆོས་སྐོར།།
གདན་ལ་ཞབས་བཅག་གནང་མཁན།།
ཚེ་རིང་རྨ་བྱའི་སྲས་མོ།།
གསེར་གྱི་སྒྲོ་མདོངས་ཤིག་ཤིག།
རྣ་གཡུ་མེ་ཙག་ཡག་བྱུང་།།
དུང་སྐེད་འབུར་མ་ཡག་བྱུང་།།
ལྷམ་སྒྲོག་འཇའ་མ་ཡག་བྱུང་།།
ཁ་འབྲས་ཡིད་ལ་སྨིན་བྱུང་།།
གནམ་ལ་རྨུ་ཐག་འཐེན་ནས།།
སྐར་མ་ལེན་ཐབས་ཡོད་ན།།
སྐར་ཕྲན་སུམ་བརྒྱ་དྲུག་ཅུའི།།
སྐྲ་རྒྱན་ང་ཡིས་འབུལ་འདོད།།
གུ་གེའི་བྱེ་མའི་གཞུང་ལ།།
འདུག་འདོད་ཞེ་ལ་མེད་ཀྱང་།།
ཁ་ཆད་ལས་འཕྲོའི་དབུ་མནའ།།
རྡོ་ཡི་མཁར་ལ་བཞེངས་ཡོད།།
ལྡེ་གཙུག་ཁྲོས་པའི་བཀའ་ལ།།
ཞལ་ལྕེ་སྒྲོག་དགོས་བབས་ན།།
སྐྱེ་བ་བརྗེ་དགོས་ཞུས་ཀྱང་།།
འཁུར་དགོས་བྱུང་བ་ལས་རེད།།