གླུ་དབྱངས། ཕ་ཡུལ་བྲག་འགོ
故乡炉霍
ཚིག། ཐར་ཆེན།
作词:塔尔青
དབྱངས། སྤེན་ནོར།
作曲:边洛
ལེན་མཁན། སྐལ་ཡག་ཉི་མ།
歌手:呷亚尼玛
༡ སྟོད་མངའ་རིས་སྐོར་གསུམ་འགྲིམས་པའི་ཉིན།
བོད་མེས་པོའི་ཞབས་རྗེས་འཚོལ་བའི་ཉིན།
ཡུལ་བྲག་འགོ་སྡེ་ཆེན་གངས་ལ་མཛེས།
གངས་ལ་མཚོ་ཡིས་བསྐོར་ནོ་ལྷག་དུ་མཛེས།
ཨ་རོ་ཡེ་་་་་
མཚོ་དྭངས་མོ་ཉ་སྲམ་འཁོར་ས་རེད།
ཨ་རོ་ཡེ་་་་་
ཉ་གསེར་མིག་རྩེད་འཇོ་རོལ་ས་རེད།
ཨ་རོ་ཡེ་་་་་་
གངས་དཀར་པོ་འགྲིམས་བཞིན་འགྲིམས་བཞིན་དུ་་
སེང་དཀར་མོ་ཡིད་ལ་ཡང་ཡང་དྲན །
~
༢ སྨད་མདོ་ཁམས་སྒང་དྲུག་འགྲིམས་པའི་ཉིན།
ང་བུ་ཆུང་ཕུགས་བསམ་འཚོལ་བའི་ཉིན།
ཡུལ་བྲགའགོ་སྡེ་ཆེན་སྤང་ལ་མཛེས།
སྤང་ལ་ནག་ཀྱིས་བསྐོར་ནོ་ལྷག་ཏུ་མཛེས།
ཨ་རོ་ཡེ་་་་་
ནགས་རྒྱ་རྫོང་རི་དྭགས་འཁོར་ས་རེད།
ཨ་རོ་ཡེ་་་་་
ཤྭ་བ་དགོ་བ་རྩེད་འཇོ་རོལ་ས་རེད།
ཨ་རོ་ཡེ་་་་་
སྤང་སྔོན་མོ་འགྲིམས་བཞིན་འགྲིམས་བཞིན་དུ་་
བྱ་ཁུ་ལོ་ཡིད་ལ་ཡང་ཡང་དྲན།
བྱ་ཁུ་ལོ་ཡིད་ལ་ཡང་ཡང་དྲན།
བྱ་ཁུ་ལོ་ཡིད་ལ་ཡང་ཡང་དྲན།