青海湖 - 根呷
词:根呷
曲:根呷
制作人:根呷
མཚོ་སྔོན་པོ།
མི་རིགས་ཀྱི་ལ་རྒྱ་མེས་རྒྱལ་གྱི་གཟི་བརྗིད།
རླབས་སྔོན་མོ་འདི་ནས་འཕྱུར་དུས་བྱ་ངང་པའི་སེམས་པ་དགའ་སོང་།
མཚོ་སྔོན་པོ།
མཚོ་སྔོན་པོའི་འགྲམ་ལ་དར་ཆགས་དུས་བྱ་ངང་པའི་སེམས་པ་སྐྱོ་སོང་།
མཚོ་སྔོན་པོ།
མེས་རྒྱལ་གྱི་བདེ་སྐྱིད། མི་རིགས་ཀྱི་རེ་འདུན།
མཚོ་སྔོན་པོ་འཁྱགས་པས་བསྡམས་དུས་ཉ་གསེར་མིག་མཚོ་ལ་ཐིམས་སོང་།
མཚོ་སྔོན་པོ།
མཚོ་སྔོན་པོའི་འགྲམ་ལ་དར་ལྷུང་དུས་ལུག་གཡང་དཀར་སེམས་པ་དགའ་སོང་།
མཚོ་སྔོན་པོ་ཁྱེད་ནི་ད་ལྟའི་བདེ་སྐྱིད་དང་།
མཚོ་སྔོན་པོ་མ་འོངས་པའི་རེ་བ་ཡིན།