人生
作词:俄金桑保
作曲:普布朗杰
歌手:军美旺青&索南曲珍
བུ།ལུང་པ་གཅིག་ནས་ཆུ་བོ་གསུམ། ཆུ་བོ་གཅིག་ནི་རྨ་ཆུ་སྔོན་མོ་རེད།
ཆུ་བོ་གཅིག་ནི་འབྲི་ཆུ་རིང་མོ་རེད།
ཆུ་བོ་གཅིག་ནི་རྫ་ཆུ་ཟིལ་མ་རེད།
མ་གྲོས་ལ་ནི་འཛོམས་པའི་ཆུ་བོ་གསུམ། ཆུ་བོ་གཅིག་ནི་བྱམས་ལྡན་བུ་ཆུང་ཡིན།
ཆུ་བོ་གཅིག་ནི་བརྩེ་ལྡན་བུ་མོ་ཡིན།
ཆུ་བོ་གཅིག་ནི་འཛོམས་ས་མདོ་སྟོད་
ཡུལ།་་་་ལོ་རྨ་ཆུ་སྔོན་མོ འབྲུ་ཆུ་རིང་མོ
རྫ་ཆུ་བྱེ་མ། བུ་ཆུང་ང་ཡི་སེམས་པ་སྐྱིད་སོང་། ཡ་ལ་བསོ།་་་་་་ཨ་ལ་ཡེ་་་ངའི་ག
ཞིས་ཁྱིམ་དྲོ་ལྡན་སྐྱིད་ཀྱི་ཞིང་ས་རེད།
་་ཡིད་མཐུན་པའི་བུ་མོ་ལྷན་དུ་འགྲོ།
~
བུ་མོ།མེ་ཏོག་གཅིག་ནས་མེ་ཏོག་གསུམ། མེ་ཏོག་གཅིག་ནི་མཚོ་སྐྱེས་སྔོན་མོ་རེད།
མེ་ཏོག་གཅིག་ནི་སྤང་སྐྱེས་སེར་བོ་རེད།
མེ་ཏོག་གཅིག་ནི་རྫ་སྐྱེས་དཀར་པོ་རེད།
མ་གྲོས་འཛོམས་པའི་མེ་ཏོག་གསུམ། མེ་ཏོག་གཅིག་ནི་བྱམས་ལྡན་བུ་ཆུང་ཡིན།
མེ་ཏོག་གཅིག་ནི་བརྩེ་ལྡན་བུ་མོ་ཡིན།
མེ་ཏོག་གཅིག་ནི་འཛོམས་ས་སྐྱེད་ཚལ་ཞིང་།
་་་ལོམཚོ་སྐྱེས་སྔོན་མོ། སྤང་སྐྱེས་སེར་པོ།
རྗ་སྐྱེས་དཀར་པོ། བུ་མོ་ང་ཡི་སེམས་པ་སྐྱིད་སོང་། ཡ་ལ་བསོ།་་་་་་་་ཨ་ལ་ཡེ་་་ངའི་དྲོ་ལྡན་ག
ཞིས་ཁྱིམ་སྐྱིད་ཀྱི་ཞིང་ས་རེད།
ཡིད་མཐུན་པའི་བུ་ཆུང་མཇལ་དུ་འགྲོ།
~
མཉམ་ལེན། ཆོལ་ཁ་གཅིག་ནས་ཆོལ་ཁ་གསུམ། ཆོལ་ཁ་གཅིག་ནི་དབུས་གཙང་ཆོས་ཀྱི་ཞིང་།
ཆོལ་ཁ་གཅིག་ནི་མདོ་སྟོད་མི་ཡི་ཡུལ།
ཆོལ་ཁ་གཅིག་ནི་མདོ་སྨད་རྟ་ཡི་ལྗོངས།
མ་གྲོས་འཛོམས་པའི་ཆོལ་ཁ་གསུམ། ཆོལ་ཁ་གཅིག་ནི་བྱམས་ལྡན་བུ་ཆུང་ཡིན།
ཆོལ་ཁ་གཅིག་ནི་བརྩེ་ལྡན་བུ་མོ་ཡིན།
ཆོལ་ཁ་གཅིག་ནི་འཛོམས་ས་གངས་
ལྗོངས་ཡུལ།་་་ལོང་ཚོ་ལྷན་དུ་
འཛོམས་པ་སྐྱིད་ཀྱི་གཞི་མ།
ཡིག་མཐུན་ངའི་གཉི་སེམས་པ་སྐྱིད་སོང་། ཡ་ལ་བསོ་་་་ཨ་ལ་ཡེ་་་ངའི་དྲོ་ལྡན་ག
ཞིས་ཁྱིམ་སྐྱིད་ཀྱི་ཞིང་ས་རེད།
ཡིད་མཐུན་པའི་ཁ་དར་ཁྱེད་ལ་འབུལ།