故乡泽库 - 谢旦/泽旺拉姆
词:周拉加
曲:郎甲曲迈才让
རྩེ་གཞུང་རིང་མོ་གཡུ་ཡི་ཐང་ཆེན་ཡིན།
མེ་ཏོག་སྣ་བརྒྱ་གཟི་ཡི་ཕྲ་རྒྱན་ཡིན།
རྩེ་ཆུ་སྔོན་མོ་འབྲུག་རིས་དགུ་འཁྱིལ་ཡིན།
བཀའ་བསྟན་རྡོ་བརྩིགས་འཇིག་རྟེན་ངོ་མཚར་ཡིན།
མགོ་སྦྲ་མཐིང་སྨུག་རང་ཁྱིམ་དྲོན་མོ་ཡིན།
རྟ་ནོར་ལུག་གསུམ་གཡང་གི་རུ་མ་ཡིན།
འོ་ཞོ་མངར་མོ་ཟས་ཀྱི་ཉིང་བཅུད་ཡིན།
སྐྱིད་པའི་རྩེ་གཞུང་ལྷ་ཡི་ཞིང་ཁམས་ཡིན།
ཨ།བརྩེ་བའི་ཕ་ཡུལ་རྩེ་གཞུང་།
ཕ་མེས་ཀྱི་རྣམ་ཤེས་འཁོར་ས།
ཕྱི་རབས་པའི་བླ་སོག་འཐིམ་ས།
རྩེ་གཞུང་རིང་མོ་མི་གཤིས་དྲང་ས་ཡིན།
རྒན་པའི་བྱམས་བརྩེའི་ཉི་འོད་དྲོ་ས་ཡིན།
གཞོན་པའི་གུས་བརྩིའི་འདབ་ལོ་རྒྱས་ས་ཡིན།
རྒན་དར་གཞོན་གསུམ་དཔའ་སྤོབས་མཐོ་ས་ཡིན།
ཕ་གཏམ་དྲོན་མོ་ངག་ནས་བརྡོལ་ས་ཡིན།
གླུ་གཞས་སྙན་མོ་དབྱིངས་ལ་གྱེར་ས་ཡིན།
དགའ་བའི་འཛུམ་གྱིས་མགྲོན་བསུ་བྱེད་ས་ཡིན།
སྲིད་པའི་རྩེ་གཞུང་ལྷ་ཡི་ཞིང་ཁམས་ཡིན།
ཨ།བརྩེ་བའི་ཕ་ཡུལ་རྩེ་གཞུང་།
ཕ་མེས་ཀྱི་རྣམ་ཤེས་འཁོར་ས།
ཕྱི་རབས་པའི་བླ་སོག་འཐིམ་ས།