萨西波
作词 夏-岗尼
作曲 亚丁人组合
编曲 小啰
原唱 洛桑龙里
(未经著作权方同意,不得翻唱翻录或使用)
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས་།
ས་སྐྱིད་པོ་ཉི་སྟེང་ལུང་པ་རེད།
གནས་ཆེན་པོ་རིགས་གསུམ་དགོན་པོ་ནི་ཡིན།
ཡ་ཁ་བ་ཅན་གྱི་མཛེས་ལྗོངས་ཡིན།
དྲིན་ཆེན་པོ་གཅིག་དང་ཆེན་པོ་གཉིས།
དྲིན་ཆེ་པོ་དྲིན་ཆེན་ཕ་མ་དྲིན་ཡིན།
ང་བུ་ཆུང་ས་མཐའ་རྒྱང་རིང་འགྲོ།
ངའི་ཕ་མའི་སྐུ་ཚེ་ལྡན་པ་ཤོག།
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
ས་སྐྱིད་པོ་རང་ཡུལ་ལུང་པ་རེད།
ངའི་ཕ་ཡུལ་གསེར་ཤོད་་ལུང་པ་ཡིན།
ངའི་མཛེས་པའི་ཕ་ས་ཕ་ཡུལ་ཡིན།
དགོན་དགའ་ལྡན་གངས་དཀར་རྣམ་རྒྱལ་གླིང་།།
མགོན་སྐྱེས་ཆེན་དམ་པ་སྐར་ཚོགས་བཀྲ།།
རྗེའི་རིང་ལུགས་ཡར་ཟླ་བཞིན་དུ་འཕེལ།།
ཡུལ་སྡེ་ཤོག་བཞི་ཡི་བསྟན་པ་ཡིན།།
སྔོན་སྐྱེས་ཆེན་དུ་མས་བསྔགས་པ་ལྟར།།
ཡུལ་ཁ་བ་ཅན་གྱི་གངས་དཀར་གླིང་།།
གནས་ཆེན་པོ་རིགས་གསུམ་མགོན་པོ་ནི།།
ཡུལ་སྡེ་ཤོག་བཞི་ཡི་མཛེས་རྒྱན་ཡིན།།
རྒན་རྣམས་ཀྱིས་དགེ་སྦྱོར་ཆོས་ལ་འབད།།
ན་གཞོན་རྣམས་ཤེས་རིག་ནོར་གྱིས་བརྩོན་།
རྒན་གཞོན་བར་ཡ་རབས་ཚུལ་མཐུན་སྤྱོད།།
ཡུལ་སྡེ་ཤོག་བཞི་ཡི་བདེ་སྐྱིད་ཡིན།།
ཡུལ་སྡེ་ཤོག་བཞི་ཡི་བདེ་སྐྱིད་ཡིན།།