赞颂雪域杜鹃 - 仁增太
词:贡唐丹贝忠美
曲:贡唐丹贝忠美
ནགས་ཚལ་སྟུག་པོའི་ཁྲོད་ནས།
སྨན་ཆུང་ཁུ་བྱུག་སྔོན་མོ།།
གསུང་སྙན་རེ་རེ་སྒྲོག་དང་།།
སེམས་ལ་སྨྲེང་པ་སྐྱེས་སོང་།།
འདབ་ཆགས་བྱ་ཡི་ལུས་ལ།།
ལྷ་ཡི་གསུང་སྙན་ལྡན་ཁྱོད།།
ལྷོ་མོན་ཕྱོགས་ནས་ཡོང་བས།།
ལུས་ལ་མཉེལ་བ་མེད་དམ།།
ལྷོ་མོན་ཕྱོགས་ནས་ཡོང་བས།།
ལུས་ལ་མཉེལ་བ་མེད་དམ།།
སྒྲོ་ལྡན་རྨ་བྱ་གཞོན་ནུ།།
བྱ་བརྒྱའི་མཛེས་མ་ལེགས་ཀྱང་།།
མགོ་ནག་བོད་འདི་དགའ་ས།།
ཁུ་བྱུག་སྔོན་མོ་ཁྱོད་རེད།།
ཁྱོད་ཀྱིས་གསུང་སྙན་སྒྲོག་དུས།།
ནམ་ཟླ་དབྱར་གྱི་མགོ་ཚུགས།།
གནམ་ལ་ཆར་ཆུ་མང་བས།།
ས་ལ་རྩི་བཅུད་རྒྱས་སོང་།།
གནམ་ལ་ཆར་ཆུ་མང་བས།།
ས་ལ་རྩི་བཅུད་རྒྱས་སོང་།།
སྐྱིད་པའི་སྤང་ལྗོངས་སྟེང་ནས།།
དགའ་བའི་དགའ་བྲོ་འཁྲབ་སོང་།
སྐྱེ་བ་ཡང་ཡང་རྩེ་བའི།།
སྨོན་ལམ་ནན་ཏན་འདེབས་སོང་།།
སྐྱེ་བ་ཡང་ཡང་རྩེད་པའི།།
སྨོན་ལམ་ནན་ཏན་འདེབས་པོ།།
སྨོན་ལམ་ཡང་ཡང་འདེབས་སོ།།
ང་རང་སེམས་པ་དགའ་སོང་།།