ངག་དབང་དབྱངས་ཅན་ལྷ་མོ།
央金拉姆
作词: 华各
作曲: 华各/朗甲曲迈才让
歌手:呷亚尼玛
ཚིག དཔལ་མགོན།
དབྱངས། དཔལ་མགོན།
གླིང་རྒྱལ་འཆི་མེད་ཚེ་རིང་།ལེན་མཁན། སྐལ་ཡག་ཉི་མ།
ངག་དབང་དབྱངས་ཅན་ལྷ་མོ།།
པི་ཝང་ང་ལ་གཡོར་དང་།།
གངས་ལྗོངས་བོད་ཀྱི་ཡུལ་ནས།།
སྙན་པའི་སྒྲ་སྙན་ངས་རྡུང་།།
ལྷ་བྱ་ཁུ་བྱུག་སྔོན་མོ།།
སྐད་ངག་ང་ལ་གཡོར་དང་།།
མཛེས་པའི་ཕ་ཡུལ་འདི་ནས།།
སྐྱིད་པའི་གླུ་དབྱངས་ངས་ལེན།།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
ལྡེམ་མྱུར་ང་ལ་གཡོར་དང་།།
སྐྱིད་པའི་རྩེད་ར་འདི་ནས།།
དགའ་བའི་བྲོ་གར་ངས་འཁྲབ།།