阿若啦 - 泽旺拉姆
词:白玛嘎布
曲:民间
音乐营销:梦飞船国际文化
དཀར་གཙང་གངས་རིའི་འདབས་ཀྱི་བུ་མོ་ངས།
ཨ་རོ་ལ་སེམས་ཀྱི་གླུ་ཆུང་ཡུལ་ལ་ལེན་ཡོད།
ཡུལ་དྲིན་ཆེན་ཕ་མ་སེམས་ཀྱི་ཉི་ཟླ་ཡིན།
ཨ་རོ་ལ་དམར་ཆུང་སྙིང་གི་ནོར་བུ་ཁྱེད་ཡིན།
དྲིན་ཕ་མ་ཚེ་ཐག་རིང་བའི་སྨོན་ལམ་འདེབས།
དཀར་གཙང་གངས་རིའི་འདབས་ཀྱི་བུ་མོ་ངས།
ཨ་རོ་ལ་སེམས་ཀྱི་གླུ་ཆུང་ཡུལ་ལ་ལེན་ཡོད།
ཡུལ་ཕུ་ནུ་མིང་སྲིང་ཡོངས་ལ་གླུ་ཞིག་ལེན།
ཕུ་ནུ་མིང་སྲིང་སེམས་ཀྱི་རྟེན་ས་ཡིན།
ཨ་རོ་ལ་དམར་ཆུང་སྙིང་གི་གཅེས་ལོ་ཁྱེད་ཡིན།
ཡུལ་ན་ཟླའི་ཁ་ལས་རླུང་རྟ་དར་བར་ཤོག
དཀར་གཙང་གངས་རིའི་འདབས་ཀྱི་བུ་མོ་ངས།
ཨ་རོ་ལ་སེམས་ཀྱི་གླུ་ཆུང་ཡུལ་ལ་ལེན་ཡོད།
ཡུལ་ལོ་ཆུང་བྱིས་པ་ཡོངས་ལ་གླུ་ཞིག་ལེན།
ལོ་ཆུང་བྱིས་ལོ་མ་འོངས་རྒྱུན་འཛིན་ཡིན།
ཨ་རོ་ལ་མ་འོངས་རེ་བ་ཁྱེད་ཚོར་བཅོལ་ཡོད།
ཆུང་བྱིས་ལོ་རིག་པའི་གཤོག་རྩལ་རྒྱས་པར་ཤོག