ཁྱེད་ནི་ཉམས་མེད་ལྷ་ཤིང་ཤུག་པ་རེད།།
你是吉祥柏树
ང་ནི་འགྱུར་མེད་ལྷ་བྱ་ཁུ་བྱུག་ཡིན།།
我是妙音布谷
ངེད་གཉིས་འཕྲད་པ་སྔོན་མའི་ལས་དབང་རེད།།
我两相遇有缘
གསུང་སྐད་སྙན་མོ་རྣ་བའི་བུ་རམ་ཡིན།།
妙音传遍四海
ཁྱེད་ནི་ལྷད་མེད་བཀྲ་ཤིས་རྟགས་བརྒྱད་རེད།།
你是吉祥八宝
ང་ནི་དྲི་མེད་སེང་གེའི་འོ་མ་ཡིན།།
我是甘露之泉
ངེད་གཉིས་འཕྲད་པ་སྔོན་མའི་ལས་དབང་རེད།།
你我前世有缘
རོ་བཅུད་མངར་མོ་སེམས་ཀྱི་བདུད་རྩི་ཡིན།།
甘甜滋润万物
འོ་འོ་་ ང་ཡི་སྙིང་གི་བྱམས་པ།
噢 我的心上人
ལས་དབང་ཁྱེད་ལ་བཅོལ་ཡོད།
你我情投意合
ངེད་གཉིས་འཕྲད་པ་སྔོན་མའི་ལས་དབང་རེད།།
相遇前世有缘
རོ་བཅུད་མངར་མོ་སེམས་ཀྱི་བདུད་རྩི་ཡིན།།
甘甜滋润万物
ཁྱེད་ལ་ཞུས་པའི་སྙིང་གཏམ་བརྗེད་མེད་རེད།།
永记对你承诺
ང་ལ་གནང་བའི་བརྩེ་བ་དྲོན་མོ་ཡིན།།
不忘对我情怀
ངེད་གཉིས་འཕྲད་པ་སྔོན་མའི་ལས་དབང་རེད།།
我两相识有缘
བདེ་སྐྱིད་འཚོ་བ་དཀོན་མཆོག་དངོས་གྲུབ་ཡིན།།
共度幸福生活
ཁྱེད་ཀྱི་ཕྱོགས་སུ་ང་ཡི་སྨོན་ལམ་ཡོད།།
我祝万事如意
ང་ཡི་ལམ་ན་ཁྱེད་ཀྱི་གསོལ་འདེབས་ཡོད།།
你祝一帆风顺
ངེད་གཉིས་བར་གྱི་བསླུ་མེད་སྐྱབས་འཇུག་འདི།།
你我共同祈祷
མི་ཚེའི་མཐའ་དང་མཉམ་པའི་བཀྲ་ཤིས་ཤོག།
祝愿白头偕老
འོ་འོ་་ ང་ཡི་སྙིང་གི་བྱམས་པ།
噢 我的心上人
ལས་དབང་ཁྱེད་ལ་བཅོལ་ཡོད།
你我情投意合
ངེད་གཉིས་བར་གྱི་བསླུ་མེད་སྐྱབས་འཇུག་འདི།།
你我共同祈祷
མི་ཚེའི་མཐའ་དང་མཉམ་པའི་བཀྲ་ཤིས་ཤོག།
祝愿白头偕老
འོ་འོ་་ ང་ཡི་སྙིང་གི་བྱམས་པ།
噢 我的心上人
ལས་དབང་ཁྱེད་ལ་བཅོལ་ཡོད།
你我情投意合
ངེད་གཉིས་བར་གྱི་བསླུ་མེད་སྐྱབས་འཇུག་འདི།།
你我共同祈祷
མི་ཚེའི་མཐའ་དང་མཉམ་པའི་བཀྲ་ཤིས་ཤོག།
祝愿白头偕老