男人 - 江达~旦增
词:热西•嘎玛桑登
曲:索当珠
ཕོ་སར་སྐྱེ་ས་རང་ཡུལ་རེད
དཔའ་རྩལ་ངོམས་ས་གཞན་ཡུལ་རེད
འདོ་བ་རྟ་ཕོའི་སྒལ་སྟེང་ན
དགྲ་བོ་བརྒྱ་ཡི་སྙིང་རླུང་ཡོད
གཡས་བལྟས་གཡས་ནས་སྒྲོས་རེ་དག
གཡོན་བལྟས་གཡོན་ནས་ངམ་རེ་རྫིག
ཕོ་སར་ཚར་ས་རང་ཡུལ་རེད
སྐད་གྲགས་ཆོད་ས་གཞན་ཡུལ་རེད
ཨ་སྔོན་འདྲ་ལེའི་བྲང་ཁོག་ན
མདའ་གྲི་ཤོང་སའི་གློ་སྙིང་ཡོད
ཡར་སོང་ཡར་ལ་ཉམས་རེ་དགའ
མར་སོང་མར་ལ་བག་རེ་བྲོ
ཕོ་སར་འཁོར་ས་རང་ཡུལ་རེད
ལྟད་མོ་ལྟ་ས་རྒྱལ་ཁམས་རེད
དྲུག་འགྱུར་གླུ་ཡི་ངག་སྣེ་ན
མཛེས་མ་བརྒྱ་ཡི་སེམས་པ་ཡོད
ཕར་བལྟས་ཕར་ནས་ཡིད་རེ་འོང་
ཚུར་བལྟས་ཚུར་ནས་སྣང་རེ་སྐྱིད
ཕོ་སར་དུངས་ས་རང་ཡུལ་རེད
མགོ་རྣ་རྩེ་ས་མི་ཡུལ་རེད
ཕོ་གཏམ་ཚིག་གི་སྔ་གཞུག་ན
མི་སེམས་འགུག་པའི་ཁ་ཤེད་ཡོད
ནང་བལྟས་ནང་ནས་གཤིས་རེ་འཇམ
ཕྱི་བལྟས་ཕྱི་ནས་དབུ་རེ་མཐོ