阿香罗罗 - 根呷
词:根呷
曲:根呷
制作人:根呷
ཨ་ཞང་ལོ་ལོ།
མགོ་ལ་ཞྭ་མོ་ཚེ་རིང་གོན།
རྐང་ལ་རྒྱ་གར་འཇུར་རྟ་གོན།
ཨ་ཞང་ལོ་ལོ།
ཁ་བ་རང་གི་རྒྱན་ཆ་རེད།
ཁ་བ་རང་གི་རྒྱན་ཆ་རེད།
ཨ་ཞང་ལོ་ལོ།
མགོ་ལ་སྟོང་སྐུད་ཚར་ལོ་དཀྲིས།
རྣ་ལ་གཡུ་ཡི་ན་ལུང་བཏགས།
ཨ་ཞང་ལོ་ལོ།
ཁ་བ་རང་གི་རྒྱན་ཆ་རེད།
ཁ་བ་རང་གི་རྒྱན་ཆ་རེད།
ཨ་ཞང་ལོ་ལོ།
རྒྱབ་ལ་ཁྲ་རིང་མེ་མདའ་ཁུར་།
འོག་ལ་འདོ་བ་རྟ་ཕོ་ཞོན་།
ཨ་ཞང་ལོ་ལོ།
ཁ་བ་རང་གི་རྒྱན་ཆ་རེད།
ཁ་བ་རང་གི་རྒྱན་ཆ་རེད།
ཨ་ཞང་ལོ་ལོ།
ལུས་ལ་བལ་ཕྲུག་དམར་པོ་གོན།
ལག་ལ་ཙན་དན་ཕྲེང་བ་བགྲང།
ཨ་ཞང་ལོ་ལོ།
ཁ་བ་རང་གི་རྒྱན་ཆ་རེད།
ཁ་བ་རང་གི་རྒྱན་ཆ་རེད།
ཁ་བ་རང་གི་རྒྱན་ཆ་རེད།
ཁ་བ་རང་གི་རྒྱན་ཆ་རེད།