痴情的爱 - 索南曲珍
词:色须·热萨
曲:康巴·西热
音乐宣传:谢旦贴吧工作室
ཆུང་བྱམས་པ་ཟེར་ན་མེ་ཏོག་ཡིན། །
小情人是朵花儿
སྟོན་རྫ་ལུང་ནང་གི་སེར་ཆེན་ཡིན། །
秋季山野的赛庆
སྡེ་ཁྲ་བོའི་མིག་ལ་མཛེས་ན་ཡང་། །
虽是村庄的爱慕
སྡེ་ཁྲ་བོའི་ལག་པ་ཁས་མྱོང་མེད། །
但是谁也没碰过
ཆུང་བྱམས་པ་ཟེར་ན་གསེར་ཉ་ཡིན། །
小情人是条鱼儿
དབྱར་མཚོ་ཆེན་དཀྱིལ་ན་འཁྱུག་བཞིན་ཡོད། །
夏季大海里游玩
ངའི་བརྩེ་བ་དྭངས་གཙང་མཚོ་མོ་ཡིན། །
我的爱恋是大海
ཆུང་གསེར་ཉ་ངེད་གཉིས་ལས་ཤིག་ཡིན། །
我和金鱼是有缘
ཆུང་བྱམས་པ་ཟེར་ན་འདང་ཞིག་ཡིན། །
小情人是一份爱
འདང་བརྩེ་བ་ཕར་བཞག་ཚུར་བཞག་ཡིན། །
彼此相亲相爱的
ལས་སྐྱིད་སྡུག་གཉིས་ཀྱི་སོ་མཚམས་ན། །
悲喜命运的边缘
ཆུང་བྱམས་པ་ངེད་གཉིས་འཚོ་བཞིན་ཡོད། །
我和情人在生活
ཆུང་བྱམས་པ་ཟེར་ན་སེམས་ཤིག་ཡིན། །
小情人是一条心
བློ་གཏད་ས་ཅན་གྱི་སེམས་དེ་ཡིན། །
是那条不变的心
ཤི་སྔ་ཕྱི་ཡོད་ན་ལས་དབང་ཡིན། །
死有前后是命运
སེམས་བརྩེ་བ་མི་འགྱུར་ཁོ་ཐག་ཡིན། །
爱恋永远不会变