གངས་ལྗོངས་ལ་དང་ལུང་བ།
雪域山谷
ཚིག།བསོད་ནམས་སྟོབས་རྒྱལ།
作词:索南多杰
དབྱངས།བསོད་ནམས་སྟོབས་རྒྱལ།
作曲:索南多杰
གཞས་པ།བསོད་ནམས་སྟོབས་རྒྱལ།
原唱:索南多杰
发行:念藏仁青歌曲发行官网
(歌词大意)
དགུང་ན་ཉི་ཟླ་སྐར་གསུམ།
ས་ན་སྡེ་བཞིའི་གཡང་ཆགས།
གངས་ལྗོངས་ལ་དང་ལུང་བ།
ང་ཚོའི་ཕ་ས་ཕ་ཡུལ།
གངས་ལྗོངས་ལ་དང་ལུང་བ།
ང་ཚོའི་ཕ་ས་ཕ་ཡུལ།
ཕ་ཡུལ།
ཕ་ཡུལ་གངས་རིའི་ཞིང་ཁམས།
བདེ་སྐྱིད་དཔལ་གྱིས་ཁྱབ་ཤོག།
ཕ་ཡུལ་གངས་རིའི་ཞིང་ཁམས།
བདེ་སྐྱིད་དཔལ་གྱིས་ཁྱབ་ཤོག།
ས་ལ་སྦྲང་ཆར་བབས་སོང་།
སྤང་ལ་གཡུ་མདོག་རྒྱས་སོང་།
གངས་ལྗོངས་ལ་དང་ལུང་བ།
མེ་ཏོག་སྣ་རྒྱའི་ཁྱབ་སོང་།
སྨུག་སྤྲིན་རི་ལའདྲེས་སོང་།
རི་སྐྱེས་རི་ལ་འཁོར་སོང་།
གངས་ལྗོངས་ལ་དང་ལུང་བ།
འཚེ་མེད་དཔྱིད་དཔལ་རྒྱས་སོང་།
གངས་ལྗོངས་ལ་དང་ལུང་བ།
འཚེ་མེད་དཔྱིད་དཔལ་རྒྱས་སོང་།
ཕ་ཡུལ།
ཕ་ཡུལ་གངས་རི་དཀར་པོ།
དྲི་བསུང་འབུམ་གྱིས་ཁྱབ་སོང་།
ཕ་ཡུལ་གངས་རི་དཀར་པོ།
མཛའ་མཐུན་འོད་གྱིས་ཁྱབ་སོང་།
ཁྱིམ་ལ་མི་གཡང་འཁོར་སོང།
མི་ལ་ཡོན་ཏན་ལྡན་སོང་།
གངས་ལྗོངས་ལ་དང་ལུང་བ།
སྟོབས་འབྱོར་མངའ་ཐང་རྒྱས་སོང་།
གངས་ལྗོངས་ལ་དང་ལུང་བ།
སྟོབས་འབྱོར་མངའ་ཐང་རྒྱས་སོང་།
ཕ་ཡུལ།
ཕ་ཡུལ་གངས་རི་དཀར་པོ།
མཚན་སྙན་གླིང་ལ་ཁྱབ་ཤོག།
ཕ་ཡུལ་གངས་རི་དཀར་པོ།
མཚན་སྙན་གླིང་ལ་ཁྱབ་ཤོག།
མཚན་སྙན་གླིང་ལ་ཁྱབ་ཤོག།
未经许可,不得翻唱或使用